Thursday, January 19, 2017

པཎ་ཆེན་དབུ་མ་སྤྱི་དོན།

དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་གསལ་གྱི་དགོངས་པ་གསལ་བར་བྱེད་པ་ཟབ་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

པཎ་ཆེན་དབུ་མ་མཐའ་དཔྱོད།

དབུ་མ་ལ་འཇུག་པའི་བརྒལ་ལན་ཟབ་དོན་ཡང་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

སྡེ་ཁྲི་ཡོངས་འཛིན་ཅོ་ནེ་བླ་མ་རིན་པོ་ཆེས་མཛད་པའི་སྤེལ་མར་བསྟོད་པ།



ལེགས་པར་བཤད་པའི་སྙིང་པོ་ལས་བརྩམས་ཏེ་སྤེལ་མར་བསྟོད་པ་དགོངས་དོན་ཟད་མེད་ནམ་མཁའ་མཛོད་ཀྱི་སྒོ་འཕར་རྒྱ་ཆེར་ཕྱེ་བ་རྫོགས་ལྡན་སྤྲིན་གྱི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

Sunday, November 20, 2016

སྔོན་འགྲོ་ཁྲིད་ཆེན་བཞིའི་ཁྲིད་ཡིག་གཅེས་བཏུས།

བསྟན་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ་དང་ཐེག་ཆེན་ལམ་གྱི་འཇུག་སྒོ་སེམས་བསྐྱེད་ཕྱོགས་གཅིག་ཏུ་བསྡོམས་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད་དང་། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོར་སེམས་སྒོམ་བཟླས་ཀྱི་ཁྲིད། བྱིན་རླབས་འཇུག་པའི་སྒོ་བླ་མའི་རྣལ་འབྱོར་གྱི་ཁྲིད། མཐུན་རྐྱེན་ཚོགས་གསོག་པ་མཎྜལ་གྱི་ཁྲིད་དེ། སྔོན་འགྲོ་ཁྲིད་ཆེན་བཞིར་གྲགས་པའི་ཁྲིད་ཡིག་གཅེས་བཏུས་འདིའི་ནང་སྐྱབས་འགྲོའི་ཁྲིད་ཡིག་བཅུ་དང་། བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་དྲུག །རྡོར་སེམས་སྒོམ་བཟླས་ཀྱི་ཁྲིད་ཡིག་བདུན། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་སྐོར་གསུམ། མཎྜལ་གྱི་ཁྲིད་ཡིག་གསུམ་བཅས། ཁྱོན་ཁྲིད་ཡིག་མི་འདྲ་བ་ཉེར་དགུ་ཙམ་བཞུགས།

Saturday, August 6, 2016

ཚད་མ་རིག་པའི་རྒྱ་གཞུང་གཅེས་བསྒྲིགས།



འཕྲུལ་དེབ་འདིའི་ནང་ཚད་མ་ཀུན་བཏུས་རྩ་བ་དང་རང་འགྲེལ།
དམིགས་པ་བརྟག་པ་རྩ་བ་དང་རང་འགྲེལ།
དུས་གསུམ་བརྟག་པ།
ཚད་མ་རིགས་སྒོ།
གཏན་ཚིགས་འཁོར་ལོ།
ཚད་མ་སྡེ་བདུན་ཏེ།
རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ།
འབྲིང་གི་བསྟན་བཅོས་ཚད་མ་རྣམ་ངེས།
བསྡུས་པའི་བསྟན་བཅོས་ཚད་མ་རིགས་ཐིགས།
གཏན་ཚིགས་ཐིགས་པ།
འབྲེལ་བ་བརྟག་པ།
རྩོད་པའི་རིགས་པ།
རྒྱུད་གཞན་གྲུབ་པ་བཅས། ཚད་མ་རིག་པའི་རྒྱ་གཞུང་ཁྱོན་བཅུ་བཞི་བཞུགས།